གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༥༠༽ གྲྭ་པ་རྣམས་ལྷ་ཁང་དུ་ཟ་ཆོག་འཐུང་ཆོག་གིས་ལས་ངན་བསགས་པ་དང༌། ད་དུང་སྡོམ་ཁྲིམས་ཀྱང་མི་བསྲུངས་པར་གསང་ནས་ནག་ཆང་བསྟེན་བཞིན་མི་མང་ལ་མགོ་སྐོར་གཏོང་ཚུལ་སོགས་ཀྱིས་རྐྱེན་པས་བཙན་པོའི་རྒྱལ་སྲིད་ཉམས་ཉེས་སུ་གྱུར་ཚུལ་སོགས་གསུངས།
༥༡༽ “ཕྱི་ཡུལ་ནས་ཕེབས་པའི་ལོ་པཎ་ཚོ་སོ་སོའི་རང་ཡུལ་དུ་ལོག རྒྱ་ལྷ་ཇོ་བོ་སོགས་སོ་སོའི་ཡུལ་དུ་སྐྱོལ། གྲྭ་པ་ཚང་མ་དམག་ལ་ཞུགས་དགོས། སྲིད་དང་གཤིན་པོ་ལ་བོན་བཟང་བས་ཚང་མས་བོན་བྱོས།” ཞེས་བཀའ་ཡིག་ཀྱང་བཀྲམས།
༥༢༽ ལོ་པཎ་དང་དགེ་འདུན་པ། ཆོས་དད་མི་མང་ཚོས་ཁོག་པའི་སྙིང་བཏོན་པ་ལྟར་གྱུར་ནས། ས་ཕྱོགས་གང་སར་ངོ་རྒོལ་གྱི་རྦ་རླབས་དྲག་ཏུ་ཕྱུར་བས། བཙན་པོས་སྡིག་བློན་རྣམས་ལ་གྲོས་ཐབས་གསན་ཏེ་དམག་དཔུང་བཏང་ནས་དྲག་གནོན་བྱས།
༥༣༽ དེར་ཆོས་བློན་དང་ལོ་པཎ་ཚོས། “ད་སྡིག་བློན་ཚོས་བཙན་པོའི་བློ་བསྒྱུར་འདུག ཆོས་ཁྲིམས་འཇིག་རྒྱུ་རེད།” ཅེས་རང་སྲོག་བློས་བཏང་སྟེ་གསུང་རབ་དུ་མ་ཞིག་ལྷ་སའི་བྲག་ལྟེ་བ་ཅན་ལ་གཏེར་དུ་སྦས།
༥༤༽ དེ་ནས་ཇོ་ཁང་དང་བྲག་དམར་སོགས་ལྷ་ཁང་མང་པོའི་སྒོ་ལ་འདག་སྦྱར་བྱས་ཏེ། སྒོ་དང་རྩིག་པའི་ངོས་ལ་སྡིག་བློན་དག་དགའ་བའི་བཙུན་པ་ཆང་འཐུང་བ་སོགས་ཀྱི་རི་མོ་བྲིས་ཏེ་སྲུང་ཐབས་བྱས།